Kalu Rinpoche Aspiration Prayer for Translators – Tibetan Version
༄༅། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དང་།
ཁྱད་པར་དུ་འཛམ་གླིང་མི་ཡིས་འགྲོ་བ་མཐའ་དག་གི་དོན་དུ།
སོ་སོ་རང་གི་སྐད་ཡིག་ལ་རྟེན་ནས།
ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་དམ་པའི་ཆོས་རིན་པོ་ཆེ་དང་།
འཁོར་འདས་གཉིས་ཀྱི་གནས་ཚུལ་ཤེས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཏེ།
མི་ཤེས་པའི་མུན་པའི་ཚོགས་བཅོམ་ནས།
བཤད་སྒྲུབ་ལས་གསུམ་གྱིས་རང་གཞན་དོན་གཉིས་སྒྲུབ་སྟེ།
སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ།
དེའི་ཆེ་དུ་ཤེས་རབ་ཕུན་སུམ་ཚོགས་པའི་གཞུང་སྲང་བཟོད་པ་དང་བརྩོན་འགྲུས་གཉིས་ཀྱི་གོ་གྱོན་ཏེ
དོན་དང་ཚིག་དང་སྒྲ་བསྒྱུར་གྱི་ལས་ལ་འཇུག་པར་བགྱིའོ།
ལན་གསུམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད།
དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་ཕྱིས་མའི་མཐའ་ཐུག་གི་བར་དུ།
མི་ཉམས་པ་བླ་མ་རྒྱལ་བ་སྲས་དང་བཅས་པ་དཔང་བོར་གསོལ་ཏེ།
དམ་དུ་བཅའ་བ་ལགས་ན་དེ།
དེ་བཞིན་དུ་རྒྱལ་བའི་སྲས་སུ་དགོངས་ཏེ།
བདག་སོགས་སེམས་ཅན་རྣམས་ཀྱི་རྒྱུད་ལ་ཤེས་རབ་གསུམ་སྣང་བ་རྒྱས་ཏེ།
བསྟན་པ་དང་འགྲོ་དོན་ནམ་མཁའ་དང་མཉམ་པ་འབྱུང་བར་བྱིན་གྱིས་བརླབ་པར་མཛད་དུ་གསོལ།། །།